Buddhist philosophy

༄༅།། མཚན་ཉིད་སློབ་གཉེར།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཞུང་ཆེན་མཚན་ཉིད་སློབ་གཉེར་ཡར་རྒྱས་གཏོང་དགོས་པའི་བཀའ་སློབ་སྤྱི་ཕེབས་བཞིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ནས་བཀའ་བསྡུར་ཞིབ་ལྷུག་གིས་སྔར་ཡོད་གཞུང་ཆེན་ལོ་རིམ་བཅུ་གསུམ་སྟེང་། ཕར་ཕྱིན་ལོ་རིམ་གསུམ་གསར་འཇུག་གིས་དངོས་གཞི་དང་ཟུར་ལྟའི་སློབ་དེབ་གཏན་འབེབས་དང་བཅས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་བཀའ་འཁྲོལ་གྱིས་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༡༢ ལོ་ནས་གཏན་འབེབས་ཞུས་པའི་འཛིན་རིམ་ཁག་གཤམ་གསལ།
  1. ལོ་རིམ་དང་པོ། : བསྡུས་གྲྭ་ཆུང་འབྲིང་།
  2. ལོ་རིམ་གཉིས་པ། : བསྡུས་གྲྭ་ཆེ་བ།
  3. ལོ་རིམ་གསུམ་པ། : བསྡུས་གྲྭ་ཆེ་བ།
  4. ལོ་རིམ་བཞི་པ། : གྲུབ་མཐའ་བྱེ་མདོ།
  5. ལོ་རིམ་ལྔ་པ། : གྲུབ་མཐའ་སེམས་ཙམ།
  6. ལོ་རིམ་དྲུག་པ། : ཕར་ཕྱིན་ལོ་རིམ་དང་པོ།༼ས་ལམ་དང་། དོན་བདུན་ཅུ།༽
  7. ལོ་རིམ་བདུན་པ། : ཕར་ཕྱིན་ལོ་རིམ་གཉིས་པ། ༼སེམས་བསྐྱེད་དང་། བདེན་གཉིས། རིགས་ཀྱི་རྣམ་གཞག༽
  8. ལོ་རིམ་བརྒྱད་པ། : ཕར་ཕྱིན་ལོ་རིམ་གསུམ་པ། ༼བདེན་བཞི་དང་། རྟེན་འབྲེལ། སྐྱབས་གསུམ།༽
  9. ལོ་རིམ་དགུ་པ། : གྲུབ་མཐའ་དབུ་མ།
  10. ལོ་རིམ་བཅུ་པ། : དྲང་ངེས་དབུ་མ།
  11. ལོ་རིམ་བཅུ་གཅིག : ལམ་རིམ་ལྷག་མཐོང་ཆེ་ཆུང་།
  12. ལོ་རིམ་བཅུ་གཉིས། : སྔགས་རིམ་རྒྱུད་སྡེ་འོག་མ་གསུམ།
  13. ལོ་རིམ་བཅུ་གསུམ། : ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ།
  14. ལོ་རིམ་བཅུ་བཞི། : སྔགས་རིམ་དབང་དང་བསྐྱེད་རིམ།
  15. ལོ་རིམ་བཅོ་ལྔ་པ །: སྔགས་རིམ་ཆེན་མོ་རྫོགས་རིམ།
བཅས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༣ ཟླ་བ་ ༦ ཚེས་ ༡༢ ཉིན།